当前位置: 首页>新闻中心>图片新闻

【藏语音频】讲党恩爱核心②

发布时间:2019-06-05 作者: 来源:天上阿里

ནང་དོན་གནས་བསྡུས། 内容提要

སྒྲོག་འགྲེལ་དང་པོ། ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་དགོས།

  ཀྲུང་གོ་གུང་ཁྲན་ཏང་ནི་རླབས་ཆེན་དང་གཟི་བརྗིད། ཡང་དག་པ་བཅས་ཀྱི་ཏང་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་བརྩི་བཀུར་ཞུ་བ་དང་མི་དམངས་ཀྱིས་དགའ་གུས་ཞུ་བའི་ངོ་གནོང་མི་དགོས་པའི་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་གྱི་ཕྱོགས་སྟོན་པ་དང་མི་དམངས་ཀྱི་སྣེ་འཁྲིད་མཁན་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་གྱུར་བའི་གྲུབ་འབྲས་གསར་ཤོས་དང་། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས། དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་རེད། དེར་བརྟེན། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་ལ་གུས་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱས་ཏེ། དུས་ནམ་ཡང་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་མཁན་སྤྱི་དམངས་ཡག་པོ་ཞིག་བྱེད་དགོས།


第一讲   讲党恩爱核心

  中国共产党是伟大的光荣的正确的党。习近平总书记是全党拥护、人民爱戴、当之无愧的党的核心、军队统帅、人民领袖,是新时代中国特色社会主义国家的掌舵者、人民的领路人。习近平新时代中国特色社会主义思想是马克思主义中国化最新成果,是当代中国的马克思主义,是21世纪的马克思主义,是全党全国各族人民为实现中华民族伟大复兴而奋斗的行动指南。我们一定要高举习近平新时代中国特色社会主义思想伟大旗帜,坚决拥戴信赖忠诚捍卫习近平总书记这个核心,永做讲党恩爱核心的好公民。

第2期

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་རེད།   ༼ ༢ ༽

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་ཀྱི་གནས་བབ་དང་ཕུན་སུམ་ཚོགས་པའི་ནང་དོན།  ༼ ༡ ༽

习近平总书记是全党的核心、军队的统帅、人民的领袖(2) 

习近平新时代中国特色社会主义思想的历史地位和丰富内涵(1) 


林芝市波密县2019年度四讲四爱”群众教育实践活动动员大会

  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་འགན་འཁྲི་ཆེན་པོ་འཁུར་ཕོད་པའི་ཐོག་ནས་འདུ་ཤེས་གསར་པ་དང་དགོངས་པ་གསར་པ། ཐབས་ཇུས་གསར་པ་བཅས་རབ་དང་རིམ་པ་གཏོན་གནང་བ་དང་།  གལ་ཆེའི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་གཏོན་གནང་བ།  བྱ་ཐབས་གལ་ཆེན་རབ་དང་རིམ་པ་གཏོན་གནང་བ། ལས་ཀ་གལ་ཆེན་རབས་དང་རིམ་པར་སྐུལ་སྤེལ་གཏང་བ་བཅས་གནང་ནས་དུས་ཡུན་རིང་པོའི་ནང་ཐག་གཅོད་གཏོང་བསམས་ཀྱང་ཐག་གཅོད་མི་ཐུབ་པའི་དཀའ་གནད་མང་པོ་སེལ་བ་དང་དེ་སྔོན་སྒྲུབ་བསམས་ཀྱང་སྒྲུབ་མི་ཐུབ་པའི་དོན་ཆེན་མང་པོ་ལེགས་སྒྲུབ་ཐུབ་སྟེ་ཏང་དང་རྒྱལ་ཁབ་གྱི་བྱ་བཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་སྤེལ་གཏང་བས་ཏང་གི་རྣམ་པ་དང་རྒྱལ་ཁབ་གྱི་རྣམ་པ། མི་དམངས་ཀྱི་རྣམ་པ། དམག་དཔུང་གི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་བྱུང་ཞིང་ཀྲུང་ཧྭ་མི་རིགས་འདི་ཉིད་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་ཡོད།  དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་ལས་བྱུང་བ་ཞིག་དང་རྩ་བ་ནི་རླབས་ཆེའི་འཐབ་རྩོད་ཀྱི་ལག་ལེན་གསར་པའི་ཁྲོད་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ལ་འགྱུར་བའི་བློ་འཐུན་ཞི་ཅིན་ཕིང་གིས་སྣེ་ཁྲིད་གནང་ནས་བྱུང་བ་ཞིག་རེད། ལག་ལེན་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་སྣེ་ཁྲིད་པ་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད་པས་ཁོང་ནི་ཏང་ཡོངས་ཀྱིས་བརྩི་བཀུར་ཞུ་བ་དང་མི་དམངས་ཀྱིས་དགའ་གུས་ཞུ་བའི་ངོ་གནོང་མི་དགོས་པའི་ཏང་གི་སྲོག་ཤིང་དང་།  རྒྱལ་ཁབ་གྱི་ཕྱོགས་སྟོན་པ་དང་མི་དམངས་ཀྱི་སྣེ་ཁྲིད་པ་ངོ་གནོང་མི་དགོས་པ་ཞིག་ཡིན།  

  ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་ཏང་གི་སྒྲིག་ཡིག་ནང་བཀོད་ཡོད་པ་དང་སྤྱི་ལོ་༢༠༡༨ལོའི་ཟླ་༣པའི་ཚེས་༡༧ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དེའི་ཐོག་ནས་ཏང་གི་འདོད་བློ་དང་མི་དམངས་ཀྱི་འདོད་བློ། རྒྱལ་ཁབ་གྱི་འདོད་བློ་བཅས་ཚད་མཐོའི་གཅིག་འགྱུར་ཡིན་པ་གང་ལེགས་མཚོན་ཡོད་ལ་ཏང་ཡོངས་དང་དམག་ཡོངས།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡང་གང་ལེགས་མཚོན་ཡོད་པས་མི་དམངས་དུང་ཕྱུར་མང་པོ་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་བློ་གཅིག་སེམས་གཅིག་དང་གསར་གཏོད་ཡར་བརྩོན་ཡོང་རྒྱུར་སྐུལ་ལྕག་དང་སྐུལ་སློང་ཐུབ་སྟེ་འབྱོར་འབྲིང་སྤྱི་ཚོགས་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་རླབས་ཆེའི་རྒྱལ་ཁ་བླངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་འབད་ཐབས་ལྷོད་མེད་བྱེད་ངེས་རེད། 

 རླབས་ཆེའི་དུས་རབས་ལ་རླབས་ཆེའི་དགོངས་པ་དགོས་ལ་རླབས་ཆེའི་དགོངས་པས་རླབས་ཆེའི་དུས་རབས་ཀྱི་སྣེ་ཁྲིད་ཀྱང་བྱ་དགོས།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་སྤྱི་ཚོགས་ཀྱི་རླབས་ཆེའི་གསར་བརྗེ་རྒྱུན་མཐུད་བྱེད་པའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཁ་ཕྱོགས་གཏན་འཁེལ་དང་ཇུས་ཆེན་གཏན་འཁེལ།  འགག་སྒྲོལ་དཀའ་སེལ།  རྨང་རྩ་བརྟན་གཏོང་བཅས་ཆབ་སྲིད་ཀྱི་བློ་གཤོག་ཆེན་པོ་དང་འགན་འཁྲི་ཁུར་སེམས་ཆེན་པོའི་ཐོག་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་ཐད་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད།  མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་རྒྱུར་རིགས་པའི་གཞུང་ལུགས་ཐད་དཀའ་ཚེགས་ཆེ་བའི་འཚོལ་ཞིབ་བྱས་པར་རིགས་པའི་གཞུང་ལུགས་གསར་གཏོད་ཐད་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་གཏོད་པ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་བསྐྱོད་གསར་པ་འགོ་བཙུགས་པ་བཅས་བྱས་ཡོད། 

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་ཀྱི་གནས་བབ་དང་ཕུན་སུམ་ཚོགས་པའི་ནང་དོན།

  ཏང་གི་ཚོགས་ཆེན་བཅུ་དགུ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་གནས་བབ་གཏན་འཁེལ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཉིད་རང་རེའི་ཏང་གིས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་བྱས་པ་མ་ཟད་དགོངས་པ་དེ་ཉིད་ཏང་གི་སྒྲིག་ཡིག་ནང་བཀོད་པས་ཏང་གི་མཛུབ་ཁྲིད་བསམ་བློ་སླར་ཡང་དུས་བསྟུན་ཡར་རྒྱས་བྱུང་བ་དེའི་ཐོག་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་མངོན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་ཁྲིམས་ནང་བཀོད་པ་དེས་རྒྱལ་ཁབ་ཀྱི་མཛུབ་ཁྲིད་བསམ་བློ་དུས་བསྟུན་ཡར་རྒྱས་བྱུང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་དང་། དེ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་གྱུར་བའི་གྲུབ་འབྲས་གསར་ཤོས་ཤིག དེ་ནི་ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་རིག་སྟོབས་ཀྱི་འབྲས་བུ་ཅིག དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རིགས་པའི་གཞུང་ལུགས་མ་ལག་གི་གལ་ཆེའི་གྲུབ་ཆ་ཞིག དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་ཆེད་འབད་འཐབ་བྱེད་པའི་ཕྱོགས་སྟོན་ཞིག་བཅས་ཡིན་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱ་དགོས་པ་མ་ཟད་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་དགོས། 

  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྙིང་དོན་རེད།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཏང་དང་མི་དམངས་ཀྱིས་དཀའ་བ་དུ་མ་ཁྱད་བསད་བྱས་པ་དང་བློས་གཏོང་འབོར་ཆེན་བྱས་ནས་ཐོབ་པའི་རྩ་བའི་གྲུབ་འབྲས་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཏང་གི་རིག་གཞུང་དང་ལག་ལེན་ཆ་ཚང་གི་གཙོ་དོན་ཡིན་ཞིང་ཏང་གི་ཚོགས་ཆེན་བཅུ་གསུམ་པ་ནས་བཟུང་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཚོགས་རིམ་བཞིན་གྱི་སྙན་སྒྲོན་གྱི་འགོ་བརྗོད་ཚང་མར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས་པའི་བརྗོད་དོན་གཙོ་བོའི་ཚིག་འདི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གི་ངོས་འཛིན་དང་བསམ་གཞིགས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་གནང་མཛད་པའི་ཐོག་ཆོད་གཏམ་གལ་ཆེན་མང་པོ་དང་དགོངས་པ་གལ་ཆེན་མང་པོ་བཏོན་གནང་ཡོད། དཔེར་ན། བསྒྱུར་བཅོས་སྒོ་དབྱེའི་སྔ་རྗེས་ཀྱི་ལོ་སུམ་ཅུ་གཉིས་ཀྱི་འབྲེལ་བར་ངོས་འཛིན་ཡང་དག་བྱས་ནས་ལོ་རྒྱུས་ཀྱི་རིང་ཐུང་དང་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྲུང་གོར་འཛུགས་སྐྲུན་དང་འཕེལ་རྒྱས་བཏང་བའི་རྒྱུན་མཐུད་རང་བཞིན་དང་ཆ་ཚང་རང་བཞིན་རྒྱས་བཤད་བྱེད་དགོས་པའི་ནན་བཤད་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེ་བརྒྱུད་རིམ་བཞི་བརྒྱུད་ནས་བྱུང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གཏོད་པ་དེས་སྒྱུར་བཅོས་སྒོ་དབྱེ་ནས་ཀྲུང་གོ་གསར་པ་དབུ་བརྙེས་པའི་བར་དང་དེ་ནས་ཀྲུང་གོའི་ཉེ་རབས་ལོ་རྒྱུས་དང་ཐ་ན་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཆ་ཚང་ལ་ཕྱིར་དྲན་བྱེད་དུས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་མི་རིགས་ཀྱི་གཞི་རྒྱུ། ལག་ལེན་གྱི་རྨང་གཞི་བཅས་གསལ་འགྲེལ་ཐུབ་ཡོད་ཅེས་ནན་བཤད་གནང་བ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་དང་ལམ་ལུགས་ཀྱི་ཁྱད་འཕགས་ཆེ་ཤོས་ཡིན་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་བའི་འགངས་ཆེའི་ངོས་འཛིན་གྱི་གྲུབ་འབྲས་དང་ཆེས་རྩ་བར་གྱུར་པའི་ཆོས་ཉིད་ཀྱི་ཕྱོགས་བསྡོམས་ཤིག་རེད་ཅེས་ནན་བཤད་གནང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་རྒྱུན་འཁྱོངས་བྱ་རྒྱུ་ནན་བཤད་གནང་ཞིང་དེ་སྔའི་གདེང་ཚོད་གསུམ་དེ་གདེང་ཚོད་བཞི་བར་གྲ་རྒྱས་སུ་གཏོང་གནང་མཛད་པས་ང་ཚོས་སྤྱི་ཚོགས་རིང་ལུགས་ལ་ངོས་འཛིན་བྱེད་རྒྱུ་དེ་ རིགས་པའི་གཞུང་ལུགས། ལག་ལེན། ལམ་ལུགས་བཅས་ནས་དེ་བས་གཞི་རྩ་དང་ དེ་བས་གཏིང་ཟབ་པ། དེ་བས་རྒྱུན་རིང་བ་བཅས་ཡིན་པའི་རིག་གནས་ཁ་སྣོན་མཛད་པ་སོགས་རེད། གལ་ཆེའི་རྣམ་བཤད་དེ་དག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ནང་དོན་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ལ་ང་ཚོས་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་འདིའི་ཐོག་ནུས་ཤུགས་ཡོད་ཚད་གཅིག་སྒྲིལ་གྱིས་རང་གི་འགྲོ་ལམ་ཐོག་ཡག་པོ་བསྐྱོད་རྒྱུར་ལག་ལེན་གྱི་གཞི་ཁྱོན་ལྡན་ལ་དོན་དངོས་ཀྱི་གཏིང་ཚད་ཡོད་པ་དང་། ལོ་རྒྱུས་ཀྱི་དོན་སྙིང་ཟབ་པའི་བསམ་བློའི་རིག་གཞུང་གི་རྒྱབ་རྟེན་མཁོ་འདོན་བྱས་ཡོད།


拉萨市蔡公堂街道机关党支部主题党日活动

  党的十八大以来,习近平总书记应时代之变迁、领时代之先声、立时代之潮头,带领全党全国各族人民接续推进中国社会伟大革命,开创了中国特色社会主义新时代,推动党和国家事业发生历史性变革、取得历史性成就,推动管党治党发生历史性变化,展现出巨大的勇气、坚定的意志品质、深沉的历史忧患、强烈的责任担当,赢得了全党全军全国各族人民衷心拥护,赢得了国际社会高度赞誉。实践充分证明,习近平总书记是新时代中国特色社会主义的开创者,是实现中华民族伟大复兴中国梦的领航者,无愧为全党拥护、人民爱戴的领袖,无愧为国家的掌舵者、人民的领路人。

  党的十九大把习近平总书记的核心地位写入党章。2018年3月17日,在十三届全国人大一次会议上,习近平总书记全票当选为中华人民共和国主席、中华人民共和国中央军事委员会主席,这充分体现了党的意志、人民意志、国家意志的高度统一,充分反映了全党全军全国各族人民的共同愿望和心声,必将鼓舞和动员亿万人民更加紧密团结在以习近平同志为核心的党中央周围,同心同德,开拓进取,决胜全面建成小康社会,夺取新时代中国特色社会主义伟大胜利,为实现中华民族伟大复兴的中国梦而不懈奋斗。

       伟大时代呼唤伟大思想,伟大思想引领伟大时代。以习近平同志为核心的党中央在带领全党全国各族人民接续推进中国社会伟大革命的历史进程中,举旗定向、谋篇布局、攻坚克难、强基固本,以巨大的政治勇气和强烈的责任担当,从理论和实践的结合上深化对共产党执政规律、社会主义建设规律、人类社会发展规律的认识,进行艰辛理论探索,取得重大理论创新成果,创立了习近平新时代中国特色社会主义思想,开创了中国特色社会主义新时代,开启了全面建设社会主义现代化国家的新征程。   

   习近平新时代中国特色社会主义思想的历史地位和丰富内涵      

  党的十九大明确了习近平新时代中国特色社会主义思想的历史地位,把习近平新时代中国特色社会主义思想确立为我们党必须长期坚持的指导思想,并写入党章,实现了党的指导思想的与时俱进,反映了全党全国各族人民的共同愿望。十三届全国人大一次会议把习近平新时代中国特色社会主义思想载入宪法,实现了国家指导思想的与时俱进。习近平新时代中国特色社会主义思想,是对马克思列宁主义、毛泽东思想、邓小平理论、“三个代表”重要思想、科学发展观的继承和发展,是马克思主义中国化的最新成果,是党和人民实践经验和集体智慧的结晶,是中国特色社会主义理论体系的重要组成部分,是全党全国人民为实现中华民族伟大复兴而奋斗的行动指南,必须长期坚持并不断发展。

  坚持和发展中国特色社会主义,是习近平新时代中国特色社会主义思想的核心要义。中国特色社会主义,是党和人民历尽千辛万苦、付出巨大代价取得的根本成就。坚持和发展中国特色社会主义,是改革开放以来党的全部理论和实践的主题,从党的十三大起,历次党的全国人民代表大会报告标题都有中国特色社会主义这个主题词。党的十八大以来,习近平总书记不断深化对中国特色社会主义的认识思考,提出了许多重大论断、重要思想。比如,强调要正确认识改革开放前后“两个30年”的关系,从历史维度、政治高度阐明了社会主义在中国建设和发展中的连续性完整性;强调中国特色社会主义道路有“四个走出来”,将中国特色社会主义道路的开辟,从改革开放回溯到新中国成立以来,上溯到中国近代史乃至中华民族史,深刻揭示了中国特色社会主义的历史源流、民族基因和实践基础;强调中国共产党领导是中国特色社会主义最本质特征和最大制度优势,这是中国共产党、中国人民坚持和发展中国特色社会主义最重要的认识成果、最根本的规律总结;强调要坚持中国特色社会主义道路自信、理论自信、制度自信、文化自信,将“三个自信”扩展为“四个自信”,使我们对社会主义的认识在理论维度、实践维度、制度维度的基础上,又增加了更基本、更深沉、更持久的文化维度,等等。这些重要论述丰富拓展了中国特色社会主义的内涵和外延,也为我们立足广袤国土、聚合磅礴之力走好自己的路,提供了更具实践广度、现实深度、历史厚度的思想理论支撑。

责任编辑:黄亚军