当前位置: 首页>新闻中心>专题报道

【四讲四爱】藏语音频|讲党恩爱核心③

发布时间:2019-06-05 作者: 来源:天上阿里

ནང་དོན་གནས་བསྡུས། 内容提要

  རླབས་ཆེའི་དུས་རབས་ལ་རླབས་ཆེའི་དགོངས་པ་དགོས་ལ་རླབས་ཆེའི་དགོངས་པས་རླབས་ཆེའི་དུས་རབས་ཀྱི་སྣེ་ཁྲིད་ཀྱང་བྱ་དགོས།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་སྤྱི་ཚོགས་ཀྱི་རླབས་ཆེའི་གསར་བརྗེ་རྒྱུན་མཐུད་བྱེད་པའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཁ་ཕྱོགས་གཏན་འཁེལ་དང་ཇུས་ཆེན་གཏན་འཁེལ།  འགག་སྒྲོལ་དཀའ་སེལ།  རྨང་རྩ་བརྟན་གཏོང་བཅས་ཆབ་སྲིད་ཀྱི་བློ་གཤོག་ཆེན་པོ་དང་འགན་འཁྲི་ཁུར་སེམས་ཆེན་པོའི་ཐོག་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་ཐད་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད།  མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་རྒྱུར་རིགས་པའི་གཞུང་ལུགས་ཐད་དཀའ་ཚེགས་ཆེ་བའི་འཚོལ་ཞིབ་བྱས་པར་རིགས་པའི་གཞུང་ལུགས་གསར་གཏོད་ཐད་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་གཏོད་པ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་བསྐྱོད་གསར་པ་འགོ་བཙུགས་པ་བཅས་བྱས་ཡོད། 

  伟大时代呼唤伟大思想,伟大思想引领伟大时代。以习近平同志为核心的党中央在带领全党全国各族人民接续推进中国社会伟大革命的历史进程中,举旗定向、谋篇布局、攻坚克难、强基固本,以巨大的政治勇气和强烈的责任担当,从理论和实践的结合上深化对共产党执政规律、社会主义建设规律、人类社会发展规律的认识,进行艰辛理论探索,取得重大理论创新成果,创立了习近平新时代中国特色社会主义思想,开创了中国特色社会主义新时代,开启了全面建设社会主义现代化国家的新征程。

第3期

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་ཀྱི་གནས་བབ་དང་ཕུན་སུམ་ཚོགས་པའི་ནང་དོན།

习近平新时代中国特色社会主义思想的历史地位和丰富内涵 


 

2月5日,山南市各族群众齐唱“四讲四爱”大家唱,跳起欢快的锅庄舞

    ཁ་གསལ་བརྒྱད་དང་རྒྱུན་འཁྱོངས་བཅུ་བཞི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལྟེ་བའི་ནང་དོནརེད། ཁ་གསལ་བརྒྱད་ཅེས་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུ་ཁ་གསལ་བཏོན་ཡོད་པ་དང་། དེའི་ལས་འགན་གཙོ་བོ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྨང་གཞིའི་ཐོག་གོམ་སྟབས་གཉིས་ལ་དབྱེ་ནས་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཐུབ་པ་བྱེད་རྒྱུ་དེ་ཡིན་པ་དང་། དུས་རབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ནི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་དབར་གྱི་འགལ་ཟླ་ཡིན་པ་ཁ་གསལ་བཏོན་ཡོད་པས་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་དགོངས་པ་རྒྱུན་འཁྱོངས་བྱས་ནས་མིའི་ཕྱོགས་ཡོངས་གོང་འཕེལ་དང་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱིའི་བཀོད་སྒྲིག་ནིཕྱོགས་ལྔ་གཞི་གཅིགདང་འཐབ་ཇུས་བཀོད་སྒྲིག་ནིཕྱོགས་ཡོངས་བཞིཡིན་པ་ཁ་གསལ་བཏོན་ནས་འགྲོ་ལམ་གྱི་གདེང་ཚོད་དང་རིགས་གཞུང་གི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་དགོས་རྒྱུ་དམིགས་བཀར་བྱས་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དེ་ཡིན་པ་ཁ་གསལ་བཏོན་པ།  ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་བའི་སྤྱིའི་དམིགས་ཚད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱེད་རྒྱུ་དེ་ཡིན་པ་ཁ་གསལ་བཏོན་པ།  དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེན་བསྐྲུན་པའི་དམིགས་ཚད་ནི་ཏང་གི་བཀོད་འདོམས་ལ་ཉན་པ་དང་རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་བྱས་ནས་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས་རྒྱུ་ཁ་གསལ་བཏོན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཐད་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་སྤེལ་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་སྤེལ་གཏོང་དགོས་རྒྱུ་ཁ་གསལ་བཏོན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ཡིན་པ་དང་།  ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ། ཏང་ནི་ཆེས་མཐོའི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཡིན་པ་བཅས་ཁ་གསལ་བཟོས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་བཏོན་ཏེ་ཏང་འཛུགས་སྐྱོང་ཁྲོད་ཀྱི་ཆབ་སྲིད་འཛུགས་སྐྱོང་གི་གལ་ཆེའི་གནས་བབ་དམིགས་སུ་བཀར་ནས་བཏོན་པ་བཅས་རེད།  ཁ་གསལ་བརྒྱད་ནི་དགོངས་པ་དེའི་ལྟེ་བ་དང་འགག་རྩའི་གྲུབ་ཆ་རེད་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཀ་བ་ལྟ་བུ་རེད།

རྒྱུན་འཁྱོངས་བཅུ་བཞི་ཅེས་པ་ནི་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་མི་དམངས་ཀྱིས་ལྟེ་བ་བྱེད་རྒྱུ་རྒྱུན་འཁྱོངས།   སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས།  མི་དམངས་རང་ཁྱིམ་རང་བདག་ཡོང་རྒྱུ་རྒྱུན་འཁྱོངས།  ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་རྒྱུན་འཁྱོངས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཏོང་རྒྱུ་རྒྱུན་འཁྱོངས།  མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་རྒྱུན་འཁྱོངས།  རྒྱལ་ཁབ་ཀྱི་སྤྱི་ཡོངས་བདེ་འཇགས་ལྟ་བ་འཛུགས་རྒྱུ་རྒྱུན་འཁྱོངས།  ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱེད་རྒྱུ་རྒྱུན་འཁྱོངས།  རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས།  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་རྒྱུན་འཁྱོངས་བཅས་རེད།    དོན་ཚན་བཅུ་བཞི་དེ་དག་ནང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ཚུད་ཡོད་པ་དང་། ཕྱོགས་ལྔ་གཞི་གཅིག་དང་ཕྱོགས་ཡོངས་བཞི་ཚུད་ཡོད་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་མེས་རྒྱལ་གོང་བུ་གཅིག་འགྱུར། ཕྱི་ཕྱོགས་འཐབ་ཇུས་བཅས་ཚུད་ཡོད་པས་དེ་དག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གལ་ཆེའི་གྲུབ་ཆ་ཞིག་རེད།

ཁ་གསལ་བརྒྱདདང་མཐའ་འཁྱོངས་བཅུ་བཞིནི་ཁ་བྲལ་ཐབས་མེད་པ་དང་གཅིག་ལ་གཅིག་རྟེན་ཞིག་ཡིན་པ་དང་།  དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་གཙོ་བོ་གྲུབ་ཡོད།  ཁ་གསལ་བརྒྱདནང་གཙོ་བོ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གང་འདྲ་བྱས་ཏེ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་སྐོར་གསལ་འགྲེལ་བྱས་ཡོད་པ་དང་།   མཐའ་འཁྱོངས་བཅུ་བཞིའིནང་གཙོ་བོ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གང་འདྲ་བྱས་ཏེ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་སྐོར་གསལ་འགྲེལ་བྱས་ཡོད།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ནི་ལོ་རྒྱུས་ཀྱི་འགོ་འཛུགས་ས་དང་ཡངས་ཤིང་རྒྱ་ཆེ་བའི་མཐོང་རྒྱ།  འཐབ་ཇུས་ཀྱི་གཟིགས་རྒྱང་བཅས་གསར་པའི་ཐོག་ནས་དུས་རབས་འཕེལ་རྒྱས་འགྲོ་བའི་ཕུན་སུམ་ཚོགས་པའི་ནང་དོན་མཚོན་ཡོད་པ་དང་།  མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་གསར་པ་ཞིག་བཏོད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་བཏོད་པ།   ཏང་གི་རྒྱལ་སྲིད་སྐྱོང་བའི་རྣམ་པ་གསར་པ་བཏོད་པ།  ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་པ་བཅས་ཡིན་པ་དང་དེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་སྣེ་ཁྲིད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་བསམ་པའི་དར་ཆ་བསྒྲེངས་ཡོད།



阿里地区札达县托林镇东嘎村举行“3·28升国旗 唱国歌”活动

“8个明确”“14个坚持”是习近平新时代中国特色社会主义思想的核心内容。“8个明确”是指:明确坚持和发展中国特色社会主义,总任务是实现社会主义现代化和中华民族伟大复兴,在全面建成小康社会的基础上,分两步走在本世纪中叶建成富强民主文明和谐美丽的社会主义现代化强国;明确新时代我国社会主要矛盾是人民日益增长的美好生活需要和不平衡不充分的发展之间的矛盾,必须坚持以人民为中心的发展思想,不断促进人的全面发展、全体人民共同富裕;明确中国特色社会主义事业总体布局是“五位一体”、战略布局是“四个全面”,强调坚定道路自信、理论自信、制度自信、文化自信;明确全面深化改革总目标是完善和发展中国特色社会主义制度、推进国家治理体系和治理能力现代化;明确全面推进依法治国总目标是建设中国特色社会主义法治体系、建设社会主义法治国家;明确党在新时代的强军目标是建设一支听党指挥、能打胜仗、作风优良的人民军队,把人民军队建设成为世界一流军队;明确中国特色大国外交要推动构建新型国际关系,推动构建人类命运共同体;明确中国特色社会主义最本质的特征是中国共产党领导,中国特色社会主义制度的最大优势是中国共产党领导,党是最高政治领导力量,提出新时代党的建设总要求,突出政治建设在党的建设中的重要地位。“8个明确”是这一思想最为核心关键的组成部分,是支撑习近平新时代中国特色社会主义思想的四梁八柱。

“14个坚持”是指:坚持党对一切工作的领导、坚持以人民为中心、坚持全面深化改革、坚持新发展理念、坚持人民当家作主、坚持全面依法治国、坚持社会主义核心价值体系、坚持在发展中保障和改善民生、坚持人与自然和谐共生、坚持总体国家安全观、坚持党对人民军队的绝对领导、坚持“一国两制”和推进祖国统一、坚持推动构建人类命运共同体、坚持全面从严治党。这14条涵盖坚持党的领导和全面从严治党,涵盖“五位一体”“四个全面”,涵盖维护国家安全、国防和军队建设、“一国两制”和祖国统一、对外战略,是习近平新时代中国特色社会主义思想的重要组成部分。

“8个明确”和“14个坚持”缺一不可、相辅相成,构成了习近平新时代中国特色社会主义思想的核心内容。“8个明确”着重阐明在新时代坚持和发展什么样的中国特色社会主义,“14个坚持”着重阐明在新时代怎样坚持和发展中国特色社会主义。习近平新时代中国特色社会主义思想的历史性贡献,在于以新的历史站位、宽阔视野、战略眼光反映了时代发展变化的丰富内涵,开辟了马克思主义新境界,开辟了中国特色社会主义新境界,开辟了党治国理政新境界,开辟了管党治党新境界,是引领中国特色社会主义新时代、领航中华民族伟大复兴的精神旗帜。

责任编辑:黄亚军